གྲོང་གསེབ་གཞིས་ལུས་བྱིས་པའི་བྱམས་སྐྱོང་སྲུང་སྐྱོབ་སྒྲོག་འགྲེལ་བྱེད་སྒོ་ལྷ་སར་ཐེངས་དང་པོ་སྤེལ།

སྤེལ་དུས།   2018-08-20 10:17:36    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས31ཉིན།  གྲོང་གསེབ་གཞིས་ལུས་བྱིས་པའི་བྱམས་སྐྱོང་སྲུང་སྐྱོབ་ལས་དོན་པུའི་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་ཁང་དང་དམངས་སྲིད་པུའུ།  ཀྲུང་གོ་ཨར་སྐྲུན་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག  རྒྱལ་ཡོངས་ཀྱི་གྲོང་གསེབ་གཞིས་ལུས་བྱིས་པའི་བྱམས་སྐྱོང་སྲུང་སྐྱོབ་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་ཐོག་མ་དེ་ལྷ་ས་ཀྲུང་གོ་ཨར་སྐྲུན་ཅུས་དང་པོའི་ལས་གྲྭར་སྤེལ་བ་རེད།  བྱེད་སྒོའི་ཐོག་རང་རྒྱལ་གྱི་གཞིས་ལུས་བྱིས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་རིགས་གཅིག་མཁས་ཅན་གྱིས་བཟོ་པ ༨༠ ལྷག་ཙམ་ལ་གཞིས་ལུས་བྱིས་པར་བྱམས་སྐྱོང་སྲུང་སྐྱོབ་བྱེད་ཐབས་སློབ་ཁྲིད་བྱས་པ་རེད།  

ཀྲུང་གོ་ཨར་སྐྲུན་ཅུས་དང་པོའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཤི་ཆང་གིས་དེ་ནི་ང་ཚོས་བོད་དུ་བྱེད་སྒོ་སྤེལ་ཐེངས་ཐོག་མ་དེ་རེད་ལ།  ང་ཚོའི་ཅུས་ཀྱིས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོབ་བྱེད་སྒོའི་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད།  དེ་སྔོན་ང་ཚོས་ལས་གྲྭའི་བདེ་འཇགས་དང་གླ་ཕོགས་ཐད་མི་སྒེར་གྱི་ཁེ་དབང་ལ་དོ་འཁུར་བྱས་པ་དང་།  འོན་ཀྱང་དེ་རྗེས་ཁྱིམ་ཚང་གི་ཁེ་དབང་ལ་ཡང་སྲུང་སྐྱོབ་བྱེད་དགོས་པ་ཤེས་རྟོགས་བྱུང་རྗེས་ང་ཚོས་དེའི་ཐད་ལ་བྱེད་སྒོ་སྤེལ་བ་ཡིན་ཞེས་གསུངས་པ་རེད།  

སྒྲོག་འགྲེལ་བྱེད་སྒོའི་ཁྲོད་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ལས་སྣེ་ཞུས་ཙེང་ཐའོ་ཡིས་ཁྱིམ་ཚང་གི་ལྟ་སྐྱོང་བྱེད་སྟངས་དང་།  གཉེན་ཉེའི་འབྲེལ་བ་བྱེད་སྟངས།  བདེ་འཇགས་སྲུང་སྐྱོབ་ཀྱི་སློབ་གསོ་སོགས་ཐད་མཛུབ་ཁྲིད་གནང་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།