​བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་སོགས་འཛུགས་སྐྲུན་བྱ་བ་ལ་ཞིབ་འཇུག་བྱས།

སྤེལ་དུས།   2018-08-20 10:17:38    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་སྟེ།  ལྷ་ས་ནས་མལ་གྲོ་གུང་དཀར་བར་གྱི་ལྕགས་ལམ་དངS5ཞིང་ཆེན་རིམ་པའི་གཞུང་ལམ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་རེད། 

ཅང་ཅེ་ནས།  ལྷ་མལ་ལྕགས་ལམ་དངS5ཞིང་ཆེན་རིམ་པའི་གཞུང་ལམ་འཛུགས་སྐྲུན་དེས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དང་རང་ལྗོངས་ཀྱི་ལྕགས་ལམ་ལེགས་ལ་མྱུར་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  གྲོང་ཁྱེར་དང་རྫོང་ཁག  ཚན་པ་ཁག་གིས་བསམ་བློར་བཅིངས་འགྲོལ་བཏང་ནས་འགྲིམ་འགྲུལ་གོང་འཕེལ་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ།  གཞུང་ལམ་གཉིས་འཛུགས་སྐྲུན་ལ་དམིགས་ནས་བཀོལ་སྤྱོད་རང་བཞིན་ཆེ་བའི་ལག་བསྟར་ཇུས་གཞི་བཏོན་ཏེ་ལས་གཞི་ཆེ་གྲས་གཉིས་པོ་སྔ་ཙམ་བསྐྲུན་ནས་བེད་སྤྱོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།