ལྷ་སའི་ཞོ་སྟོན་གྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་སྤྱི་ཟླ8པའི་ཚེས13ཉིན་གཉེར་རྒྱུ་རེད།

སྤེལ་དུས།   2018-08-20 10:18:19    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

W020180812399638749520.jpg


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་སྟོན་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཁྲབ་སྟོན་དེ་སྤྱི་ཟླ8པའི་ཚེས13ཉིན་ལྷ་ས་མི་རིགས་སྲོལ་རྒྱུན་རྟ་རྩལ་སྦྱོང་བརྡར་འགྲན་རར་གཉེར་རྒྱུ་དང་། གཞན་ཡང་རྟ་ཐོག་ནས་མདའ་འཕེན་པ་དང་རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་གཅིག་མི་གཉིས་བརྩེགས་པ། རྟ་གཉིས་མི་གཉིས། རྟ་གཅིག་མི་གཉིས་སོགས་སྲོལ་རྒྱུན་འཁྲབ་སྟོན་རྣམ་གྲངས་ཀྱི་རྨང་གཞིའི་ཐོག ད་དུང་རྟ་རྒྱུག་འགྲན་བསྡུར་དང་གཡག་རྒྱུག་འགྲན་བསྡུར། མདའ་གཞུ་འགྲན་བསྡུར་བཅས་གསར་དུ་བསྣན་ཡོད།

W020180812399638811056.jpg


 བོད་ལྗོངས་རྟ་རྩལ་རུ་ཁག་གི་དགེ་རྒན་བཀྲ་ཤིས་དར་རྒྱས་ནས་གསར་འགོད་པར།  སྤྱི་ལོ2017ལོར་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བསྐྱར་གསོ་བྱས་མ་ཐག་མང་ཚོགས་ཚོས་དགའ་བསུ་ཆེན་པོ་ཐོབ་པས། ད་ལོའི་ཞོན་སྟོན་ལ་ལྟད་མོ་སྔར་ལས་ཆེ་བ་གང་ལེགས་མངོན་ཆེད། རྟ་རྩལ་རུ་ཁག་གི་རུ་མི་ཡོངས་ནས་ད་ལྟ་སྦྱོང་བརྡར་ལ་བྲེལ་བའི་སྒང་ཡིན་ཞེས་ངོ་སྤྲོད་གནང་།

W020180812399638889220.jpg


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།