བོད་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ལོ་སྟོད་ལས་ཀའི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས།

སྤེལ་དུས།   2018-08-20 10:18:21    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ལོ་སྟོད་ཀྱི་ལས་ཀའི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག  ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུ་ཐེངས68པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  ལོ་སྟོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཕྱོགས་བསྡོམས་བྱས་པ་མ་ཟད་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་དཔོན་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་གནད་འཕིགས་དྲུག་དང་ཁག་ཅིག་བྱས་པ་ལྔའི་བླང་བྱ་དེ།  དབུལ་གྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱེད་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྒམ་ནན་རང་བཞིན་དང་དུས་གཏུག་རང་བཞིན།  འགན་སེམས་བཅས་ཆེ་རུ་བཏང་སྟེ།  གཙོ་གནད་ལ་དམིགས་ནས་འགག་གྲོལ་ཡོང་བ་བྱེད་པ་དང་སྟོབས་ཤུགས་གཅིག་སྒྲིལ་ངང་འགག་སྒྲོལ་ཡོང་བ་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་གསར་པ་ལེན་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།