​མངའ་རིས་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན།

སྤིལ་དུས།   2018-08-20 10:18:09        ཡོང་ཁུངས།  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།    རྡིབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་སྤྱི་ལོ2015ལོའི་ཟླ་བ8པ་ནས་བཟུང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན།  མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པའི་དཔུང་ཁག་ཡག་པོ་གཏོད་རྒྱུ་དང་གཙོ་གནད་ཚན་ཁག་སྟོབས་ཆེར་གཏོང་རྒྱུ།  གནས་རིམ་མཐོ་རུ་གཏོང་རྒྱུ་བཅས་དམ་འཛིན་བྱེད་ས་བྱས་ཏེ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཀར་སྐུལ་སྤེལ་ནུས་ལྡན་བཏང་ཡོད། 

ལོ་གསུམ་ནང་མངའ་རིས་ས་ཁུལ་གྱིས་རོགས་སྐྱོར་བྱེད་མཁན་ཟན་ཞི་ཡི་འབྲེལ་ཡོད་ཕྱོགས་ཁག་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ།  སྨན་ཁང་གི་གཙོ་གནད་ཚན་ཁག་འཛུགས་སྐྱོང་དང་སྨན་ཁང་གོང་འཕེལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས།  སྔ་རྗེས་སུ་ཟན་ཞི་ཞིང་ཆེན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང11དང་སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པའི་དུས་རིང་གྲོས་མཐུན་བཞག་སྟེ།  ཚན་ཁག་འགན་གཙང་ལེན་མཁན་སྨན་ཁང་གི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་སློབ་སྦྱོང་བྱས་ནས་ཞབས་ཞུ་དོ་དམ་ལམ་ལུགས་མང་དག་ཅིག་བཙུགས་ནས།  འཐུས་སྒོ་ཚང་དུ་བཏང་བ་དང་ནད་སྐྱོང་སོགས་ཀྱི་ལས་སྒོའི་བརྒྱུད་རིམ་ལེགས་སུ་བཏང་བ།  བུད་མེད་ཚན་ཁག་དང་བུ་བཙའི་ཚན་ཁག  རུས་ནད་ཚན་ཁག་སོགས་གཙོ་གནད་ཚན་ཁག་གསར་བཙུགས་བྱས་པ་མ་ཟད།  ཚན་ཁག་འགན་གཙང་ལེན་མཁན་སྨན་ཁང་དང་རྒྱང་བསྟེན་སྨན་བཅོས་ལས་སྟེགས་སྐྲུན་པས་ལེགས་ཆའི་སྨན་བཅོས་ཐོན་ཁུངས་མཉམ་རོལ་ཐུབ་ཡོད།  བོད་སྐྱོར་ཤེས་ལྡན་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལག་རྩལ་དང་ལས་སྒོ་གསར་པ80ལྷག་ཙམ་སྤེལ་བ་དང་སྨན་བཅོས་ཞིབ་འཇུག་བྱ་གཞི21རེ་ཞུ་བྱས་ཤིང་གཤགས་བཅོས་རིགས1500ལྷག་ཙམ་བྱས་པ་དང་ལྷག་པར་དུ་མགོ་དང་མཁལ་མ།  རྒལ་ཚིགས།  དཔྱི་ཚིགས་བརྗེ་བ་སོགས་ཀྱི་གཤགས་བཅོས་ཆེ་རིགས་ལེགས་གྲུབ་བྱུང་ནས།  མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྟོང་ཆ་མང་དག་ཅིག་བསྐངས་ཐུབ་པ་བྱུང་བ་དང་ཟིན་ཐོ་གསར་པ་མང་པོ་གཏོད་ཡོད། 

སྤྱི་ལོ2016ལོའི་ཟླ་བ12པར།  མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དེ་ཉིད་ཀ་པ་རིམ་པ་གཉིས་པའི་སྨན་ཁང་དུ་གཏོད་ཐུབ་པ་བྱུང་སྟེ་རྒྱལ་ཡོངས་ནང་ནས་རིམ་པ་མེད་པའི་ས་གནས་རིམ་པའི་སྨན་ཁང་མཐའ་མ་དེའི་ལོ་རྒྱུས་མཇུག་སྒྲིལ་བ་དང་།  སྤྱི་ལོ2018ལོའི་ཟླ6 པར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དེ་ཉིད་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གཏོད་པའི་ཐོག་མའི་དཔྱད་ཞིབ་ལེགས་སྒྲུབ་བྱུང་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་དང་སྨན་བཅོས་ནུས་པ་ཆེ་རུ་ཕྱིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།