ལྷོ་ཁ་གྲོང་ཁྱེར་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་མ་འཇོག་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་།

སྤིལ་དུས།   2018-08-20 10:18:08        ཡོང་ཁུངས།  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།    རྡིབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷོ་ཁ་གྲོང་ཁྱེར་གྱི་དམངས་འཚོའི་ཁྱབ་ཁོངས་མ་འཇོག་གི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2017ལོར་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16.6ལེགས་སྒྲུབ་བྱས་ནས22%འཕར་ཏེ།  སྤྱི་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།  གྲོང་ཁྱེར་དེ་ཡོངས་ཀྱིས་སྤྱི་པའི་ནོར་སྲིད་གཏོང་སྒོ་དུང་ཕྱུར143.8ལེགས་སྒྲུབ་བྱས་ནས14%འཕར་བའི་ནང་།  དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོས་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི75%ཡན་བཟུང་སྟེ།  གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་ནུས་པ་སྔར་བས་མཐོ་རུ་ཕྱིན་ནས་དམངས་འཚོའི་བདེ་རྩ་སྔར་བས་བརྟན་དུ་ཕྱིན་ཡོད།

སྤྱི་ལོ2017ལོར་ལྷོ་ཁའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར25.6དོན་འཁྱོལ་བྱས་ནས།  དགེ་རྒན་དང་སློབ་གསོ་དར་རྒྱས་དང་གྲོང་གསེབ་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི་མུ་མཐུད་ལག་བསྟར་བྱེད་པ་དང་།  ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱེད་པ་སོགས་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་།  སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙར་མ་དངུལ་སྒོར་དུང་ཕྱུར12.2བཏང་ནས་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གཏོད་པ་དང་།  ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གནས་སྤོ་འཛུགས་སྐྲུན།  གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སོགས་ལ་གཙོ་གནད་རྒྱབ་སྐྱོར་བྱས་ཏེ་སྤུས་ཚད་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་བ།  མ་དངུལ་སྒོར་དུང་ཕྱུར100.4བཏང་ནས་གཙོ་བོ་ཉམ་ཐག་མང་ཚོགས་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་དང་སྨན་བཅོས་རོགས་སྐྱོར་སོགས་ཐད་སྤྱད་པ་བཅས་བྱས་ཡོད།  གྲོང་ཁྱེར་གྱི་གྲོང་མི་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་ཁག་སོ་སོར་མི་རེར་ཟླ་རེར་སྒོར700ཡི་བར་དང་མི་རེར་ཟླ་རེར་སྒོར3310ཡི་བར་འཕར་ཡོད།  ཚན་རྩལ་རིག་གནས་བྱ་གཞག་གི་མ་དངུལ་སྒོར་དུང་ཕྱུར3.6བཏང་ནས་གཙོ་གནད་ཐོག་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་སྦྱོང་བརྡར་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་སོགས་ཐད་སྤྱད་དེ།  གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་བདེ་བླག་ངང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་རྒྱུར་སྐུལ་འདེད་བཏང་བ།  ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་དེ་གའི་ནོར་སྲིད་ནས་སྒོར་ཁྲི་ཚོ500བཏང་སྟེ་ལས་གཏོད་རོགས་སྐྱོར་མ་དངུལ་བཀོད་སྒྲིག་བྱས་ནས།  ལས་གཏོད་རོགས་སྐྱོར་དང་ལས་གཏོད་འགྲན་བསྡུར་ཆེ་མོ་སོགས་ཐད་སྤྱད་པ།  ལས་ཞུགས་ཀྱི་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི་ཚོ་ཆིག་སྟོང་དོན་འཁྱོལ་བྱས་ནས་ལས་རིགས་སྦྱོང་བརྡར་སོགས་ཐད་སྤྱད་པ།  མ་དངུལ་སྒོར་དུང་ཕྱུར12.7དོན་འཁྱོལ་བྱས་ནས་གཙོ་གནད་ཐོག་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་།  མཐའ་མཚམས་ཀྱི་མཐོ་གྲང་ཤང་གྲོང་རྡལ་གྱི་དྲོད་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་དེ་ཁུལ་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་བཅས་བྱས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།