འཕྱོངས་རྒྱས་ཞིང་བས་གཟབ་འཆོར་སྤྲས་ནས་“འོང་སྐོར་དུས་ཆེན་”བསུས།

སྤེལ་དུས།   2018-08-20 10:18:08    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4200ལྷག་ཙམ་ཟིན་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་རྒྱལ་སྨན་གྲོང་ཚོས་ལོ་རེའི་ཐེངས་རེའི་འོང་སྐོར་དུས་ཆེན་བསུས།   འོང་སྐོར་དུས་ཆེན་ལ་ལོ1500ལྷག་ཙམ་གྱི་ལོ་རྒྱུས་ཡོད།   དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན།   འོང་སྐོར་དུས་ཆེན་ནི་ལོ་ལེགས་འོང་བར་སྨོན་འདུན་ཞུ་ཆེད།   ཞིང་ས་བསྐོར་བ་བྱེད་པའི་བོད་ལྗོངས་ཞིང་ལས་ས་ཁུལ་གྱི་ཞིང་ལས་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ་བའི་དུས་ཆེན་ཞིག་ཡིན།

W020180807391443456553.jpg

W020180807393222885631.jpg

དགེ་འདུན་པས་དུང་དཀར་བུས་ནས་འོང་སྐོར་དུས་ཆེན་གྱི་མཛད་སྒོ་དངོས་སུ་འགོ་ཚུགས།

ཚོགས་ཆུང་གཉིས་པའི་གྲོང་མི་རྒན་པ་ཕུན་རྡོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།   གྲོང་ཚོ་དེའི་འོང་སྐོར་དུས་ཆེན་ལ་སྤྱིར་བཏང་དུས་ཚོད་གཏན་འཁེལ་མེད་ལ།   དུས་ཆེན་གྱི་དུས་ཚོད་རིང་ཐུང་མི་གཅིག   གནའ་རབས་སུ་ས་གནས་དེ་གའི་སེར་འགོག་སྔགས་པས་དུས་ཚོད་གཏན་འཁེལ་བྱེད་པ་ཡིན།   ད་ལྟ་ནས་ཏོག་མགྱོགས་པོ་སྨིན་སྐབས་ལ་དུས་ཚོད་གཏན་འཁེལ་བྱེད།   སྡེ་དཔོན་དང་སྤྱོད་གྲགས་གཉིས་ལྡན་གྱི་རྒན་པ་གཅིག་སྤྱན་གཡས་དགོན་པར་སོང་ནས་དགེ་འདུན་པ་གཅིག་གདན་ཞུ་བྱས།   གྲོང་ཚོ་རེ་ཁག་བགོས་ནས་བོད་ཟླའི་དུས་བཟང་ཚེས་བཟང་པའི་ཉིན་ཞིག་ཏུ་ཐག་གཅོད་བྱེད།   2018ལོའི་འོང་སྐོར་དུས་ཆེན་རྩིས་འདེད་བྱས་རྗེས་བོད་རྩིས་ཀྱི་ཟླ6པའི་ཚེས26ཉིན་གྱི་ཞོགས་པ་དུས་ཚོད11སྟེང་མཛད་སྒོའི་འགོ་ཚུགས་རྒྱུ་གཏན་འཁེལ་བྱས།   ཕུར་རྡོར་གྱི་སྐད་ཆ་ལྟར་བཤད་ན།   ཁྲུང་ཁྲུང་ལྷོ་ལ་མ་འཕུར་སྔོན་འོང་སྐོར་དུས་ཆེན་ངེས་པར་དུ་འགྲུབ་དགོས།  དེ་ལྟར་མ་བྱས་ན་ལོ་རྗེས་མར་བཀྲ་མི་ཤིས་པ་རེད།

W020180807393222906660.jpg

 ད་ལོ།   རྒྱུན་སྲོལ་ལྟར་ན་ཁྱིམ་ཚང་རེས་འཐུས་མི་མངགས་པ་ཁྱོན260ལྷག་ཙམ་ཞིང་ས་བསྐོར་བ་བྱེད་པའི་བྱེད་སྒོར་ཞུགས་པས་ཤིན་ཏུ་གཟབ་རྒྱས་ཆེ།   བུད་མེད་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་སྡེ་བའི་གྲུ་ག་སོ་སོ་ནས་སྤྱན་གཡས་དགོན་པའི་ཕྱོགས་སུ་སླེབས་པ་དང་།   སྐྱེས་པ་ཚོས་བོད་གྲི་འདོགས།   ལོ་ན་གཞོན་པའི་བུ་མོ་རྣམས་ཀྱིས་ལག་ཏུ་ཉི་གདུགས་བཟུང་ཞིང་།   རྒྱབ་ཏུ་ཆོས་དཔེ་མཐུག་པོ་རེ་ཁུར་ནས་གྲལ་ལྟར་བསྒྲིགས་ཏེ་ཞིང་ལ་སྐོར་བ་བྱེད།   སྐྱེས་པ་རྣམས་ཀྱིས་མཁར་རྔ་དང་རྔ་རྡུང་བཞིན་ལམ་བར་དུ་སྐད་གསེང་མཐོན་པོས་“ཕྱྭ་འཁོར་ཤོག   གཡང་འཁོར་ཤོག”ཞེས་རླུང་རྟ་རྒྱས་ཞིང་བསོད་ནམས་ལེགས་པ།   རྒྱུ་ནོར་འཕེལ་བའི་སྨོན་འདུན་ཞུ།

W020180807393222937521.jpg

 ཉིན་གཉིས་པར་གྲོང་མི་ཚོ་གྲོང་ཚོའི་བྱང་ཕྱོགས་ཀྱི་གླིང་གར་འདུས་ནས།   ཁྱིམ་གཉིས་རེ་དཔུང་སྒྲིག་ནས་གླུ་ལེན་པ་དང་ཐག་འཐེན་སོགས་ལུས་རྩལ་འགྲན་སྡུར་བྱེད།   བསྟུད་མར་ཉིན་བདུན་བར་མཇུག་སྒྲིལ་བ་ཡིན།   རྒྱལ་སྨན་གྲོང་ཚོའི་ཀྲུའུ་རེན་སྐལ་བཟང་བཀྲ་ཤིས་ཀྱིས་བརྗོད་རྒྱུར་“ད་ལོ་ཆར་ཆུ་མོད་པས་ནས་དང་དགུན་གྲོ་སྐྱེ་ཚུལ་ཡག་པོ་འདུག   ཐོན་འབབ་ཡག་པོ་ཡོད་ངེས་རེད།”

W020180807393222964515.jpg

གླིང་ཁ་མཇུག་བསྒྲིལ་རྗེས།   འཚུབ་ཆ་ཆེ་བའི་སྟོན་བསྡུའི་ངལ་རྩོལ་ཡང་འགོ་ཚུགས་གྲབས་ཡོད།   བཀྲ་ཤིས་སྒྲོལ་དཀར་ནི་གྲོང་ཚོ་ཡོངས་ལས་འབྲུ་འདེབས་ཆེས་མང་པོའི་དུད་ཁྱིམ་ཡིན།   ཁྱིམ་དུ་ས་ཞིང་མུའུ18ཡོད།   ཁོ་མོས་བརྗོད་རྒྱུར་ཞིང་ལས་ཀྱི་ཡོང་འབབ་ནི་ངེད་ཚང་གི་ཁྱིམ་གྱི་ཡོང་འབབ་གཙོ་བོ་ཡིན།   ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་ལས་ཀྱི་ཁ་གསབ་སྣ་ཚོགས་པའི་སྲིད་ཇུས་ཀྱིས་ཞིང་འདེབས་མཁན་གྱི་ཧུར་བརྩོན་རང་བཞིན་མཐོ་རུ་ཕྱིན་ཡོད།

W020180807393222985915.jpg

རྒྱུས་ལོན་བྱུང་བ་ལྟར་ན།   རྒྱལ་སྨན་གྲོང་ཚོར་དུད་ཚང234ཡོད།   རྨོ་ཞིང་མུའུ1805ཡོད།   “སྔོན་ཆད་འབྲུ་རིགས་བརྔ་བསྡུ་དང་སྐྱེལ་འདྲེན་མི་ཤུགས་ཁོ་ན་ལ་བརྟེན་ནས་བསྒྲུབ་དགོས།   ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་ཞིང་ལས་འཕྲུལ་ཆས་ཡོ་བྱད་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་པས།   གྲོང་ཚོའི90%ཡན་གྱི་ཁྱིམ་ཚང་གིས་འདྲུད་འཐེན་འཕྲུལ་འཁོར་ཉོས།   ད་ལྟ་བརྔ་བསྡུ་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར།   འབྲུ་འཕྱར་འཕྲུལ་འཁོར་ཧ་ཅང་ཁྱབ་བརྡལ་ཆེ།   སྟོན་བསྡུ་ནི་ཉིན་གཉིས་སམ་གསུམ་ཙམ་གྱི་ལས་ཀ་ཡིན།”   རྒྱལ་སྨན་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་པ་སངས་སྒྲོལ་དཀར་གྱིས་དེ་ལྟར་བཤད།

W020180807393223009203.jpg

W020180807393223034370.jpg

W020180807396065787758.jpg

ས་གནས་དེ་གའི་སེར་འགོག་སྔགས་པ།   ད་ལྟ་སྤྱན་གཡས་དགོན་གྱི་དགེ་འདུན་པ་ཞིག་ཚབ་བྱེད།

W020180807396065812391.jpg

W020180807396065848301.jpg

དུང་དཀར་འབུད་བཞིན་པའི་གྲོང་མི།

W020180807396065862043.jpg

W020180807396065888266.jpg

W020180807396065913307.jpg

ལག་ཏུ་དར་ཚོན་མདོག་སྣ་ལྔའི་གཡང་མདའ་ཐོགས་པའི་གྲོང་མི།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།