ལོ་གཉིས་ནང་ནག་ཆུ་གྲོང་ཁྱེར་གྱི་མི་གྲངས་ཁྲི3.5དབུལ་གྲོལ་ཐུབ་ཡོད།

སྤེལ་དུས།   2018-08-20 10:17:59    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས6ཉིན་ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ནས་ནག་ཆུའི་དབུལ་གྲོལ་འགག་སྒྲོལ་ལས་ཀའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།  ནག་ཆུ་གྲོ་ཁྱེར་འདི་ཉིད་རང་ལྗོངས་ནས་ཤིན་ཏུ་དབུལ་བ་དང་དབུལ་གྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་གསུམ་གྱི་གྲས་ཤིག་ཡིན་པའི་ངོས་ནས།  དེང་སྐབས་ཤིན་ཏུ་དབུལ་བའི་རྫོང(ཆུས)10དང་ཤིན་ཏུ་དབུལ་བའི་ཤང(གྲོང་རྡལ)80ཤིན་ཏུ་དབུལ་བའི་གྲོང་ཚོ721བཅས་ཡོད་པའི་ནང་ནས།  སྤྱི་ལོ2018ལོར་ནག་ཆུ་གྲོང་ཁྱེར་གྱིས་རྫོང་ལྔའི་མང་ཚོགས48000ཡན་དབུལ་ཞྭ་ཕུད་ཐུབ་པ་བྱེད་རྩིས་ཡོད།

གསར་འགྱུར་མགྲིན་ཚབ་པ། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་བཀྲ་རྣམ་ནས།  ནག་ཆུ་གྲོང་ཁྱེར་གྱིས་དབུལ་ཕོངས་ཀྱི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  བཞི་བསྡོམས་དྲུག་གི་དབུལ་སྐྱོར་བྱ་ཐབས་བཟོས་པ་མ་ཟད་ལག་བསྟར་བྱས་ནས་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་།  ལྷག་པར་དུ་ཐོན་ལས་དབུལ་སྐྱོར་ཐད་ནག་ཆུ་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་ཐབས་ལམ་ནས་རིམ་བཞིན་འགྲོལ་བ་བྱས་ཏེ།  ཐོན་ལས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དེ་ཕྱོགས་གང་ཐད་ནས་དབུལ་སྐྱོར་ཐོན་ལས་འཆར་འགོད་བཀོད་སྒྲིག་བྱས་ཡོད།  ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་བར་ཐོན་ལས་དབུལ་སྐྱོར་རྣམ་གྲངས340ལས་འགོ་བཙུགས་ཟིན་པ་དང་རྣམ་གྲངས81འཁོར་རྒྱུག་བྱེད་འགོ་ཚུགས་པས།  དབུལ་ཕོངས་མི་གྲངས23198ལ་ཐད་ཀར་ཕན་ཐོགས་ཏེ་འབབ་འཕར་སྒོར་ཁྲི་ཚོ5346བྱུང་ཡོད་ཅེས་ངོ་སྤྲོད་གནང་།

ནག་ཆུ་གྲོང་ཁྱེར་གྱིས་གནས་སྤོས་ཐུབ་པ་དང་གཞིས་ཆགས་ཐུབ་པ།  ཕྱུག་འགྱུར་ཐུབ་པ་བཅས་ཀྱི་དམིགས་ཚད་དང་དམ་པོར་བསྟུན་ནས་གནས་སྤོས་དབུལ་སྐྱོར་ལས་ཀར་རྒྱུན་མཐུད་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་མ་དངུལ་སྒོར་དུང་ཕྱུར30.2བཏང་ནས་དབུལ་ཕོངས་མང་ཚོགས་ཐེམ་དུད་ཁྲི1.2702ཀྱི་མི50335གནས་སྤོ་བྱེད་རྩིས་ཡོད་པ་དང་།  ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་བར་གནས་སྤོས་དབུལ་སྐྱོར་གྱི་ཁང་པ་ཚང་མ་སྐྲུན་འགོ་ཚུགས་པ་དང་ཐེམ་དུད7001གི་མི་ཁྲི2.8743གནས་སྤོ་ཟིན་ཏེ།  གནས་སྤོ་བྱེད་ཚད57%ཟིན་པ་དང་ས་བབས་མཐོ་བ་སོགས་དམིགས་བསལ་ཁུལ་ཁོངས་ཀྱི་མང་ཚོགས་གནས་སྤོའི་ལས་ཀར་སྐུལ་སྤེལ་བརྟན་པོ་གཏོང་བཞིན་ཡོད།

གཞན་ཡང་ནག་ཆུ་གྲོང་ཁྱེར་གྱིས་ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་ཕོངས་མང་ཚོགས60000ལྷག་ཙམ་གྱི་ལས་ཞུགས་དགོས་མཁོ་དང་ལས་གཏོད་འདོད་མཐུན།  རིག་གནས་ཆུ་ཚད།  སྦྱོང་བརྡར་གྱི་དགོས་མཁོ་སོགས་གཞི་རྩའི་གནས་ཚུལ་ལ་གཞིགས་ཏེ།  ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་ཡོད་པའི་དབུལ་ཕོངས་མང་ཚོགས་ཀྱི་ཞིབ་ཐོ་བཟོས་ཏེ་སྤོ་འགྱུར་ལས་ཞུགས་བྱེད་ཤུགས་ཆེ་རུ་བཏང་ཡོད།  སྤྱི་ལོ2016ལོའི་ཚུན་དུ་མ་དངུལ་སྒོར་ཁྲི་ཚོ4500ལྷག་ཙམ་བཏང་ནས་ལས་གནས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་འདོད་བློར་གཞིགས་ཏེ།  མི་ཁྲི2.1003ལ་རྩལ་ནུས་སྦྱོང་བརྡར་སྤྲད་ཡོད།  ད་ལོའི་སྤྱི་ཟླ་བདུན་པའི་ཟླ་མཇུག་བར།  མི་ཁྲི1.8799སྤོ་འགྱུར་ལས་ཞུགས་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར8665རེ་བྱུང་ཡོད།  སྤྱི་ལོ2016ལོའི་ལོ་མགོར།  ནག་ཆུ་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཐེམ་དུད26718ཀྱི་མི་ཁྲི་ཚོ10.24ཡོད་པའི་ནང་སྤྱི་ལོ2018ལོའི་བར་དབུལ་ཕོངས་ཐེམ་དུད8849ཡི་མི35063དབུལ་གྲོལ་ཐུབ་པ་དང་གྲོང་ཚོ212དབུལ་ཞྭ་ཕུད་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།