གཞིས་རྩེ་གྲོང་ཁྱེར་ཁུལ་གྱི་ལམ་དུམ་ཁག་གཅིག་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག

སྤེལ་དུས།   2018-08-20 10:18:00    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8ཚེས5ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད18དང་སྐར་མ30ཙམ་ལ་དྲག་ཆར་བབས་པའི་གནམ་གཤིས་ཀྱི་རྐྱེན་པས་། གཞིས་རྩེ་གྲོང་ཁྱེར་གྱི་ཉེན་རྟོག་པས་རྒྱལ་ལམ318ལམ་རྒྱུད་ཀྱི4792KMནས4795KMབར(རིན་སྤུངས་རྫོང་ཁོངས)གྱི་ལམ་དུམ་བུར་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་དང་། ས་གནས་དེ་གའི་གཞུང་ལམ་བདག་སྐྱོང་སྡེ་ཚན་དང་རིན་སྤུངས་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཉིན་མཚན་དབྱེར་མེད་ངང་གཞུང་ལམ་མྱུར་བཟོའི་ལས་ཀ་བྱས་པ་བརྒྱུད། ལམ་དུམ་བུ་དེ2018ལོའི་ཟླ8པའི་ཚེས5ཉིན་གྱི་ཞོགས་པའི་ཆུ་ཚོད6པར་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས། འགྲིམ་འགྲུལ་བཀག་སྡོམ་མེད་པ་བཟོས་པ་དང་། རྒྱ་ཆེའི་རྒྱལ་ལམ་318རིན་སྤུངས་རྫོང་ཁོངས་སུ་སྐྱོད་མཁན་ཁ་ལོ་བ་ཚོས་ཡིད་གཟབ་ངང་རླངས་འཁོར་བཏང་ནས་བདེ་འཇགས་ལ་དོགས་ཟོན་བྱེད་དགོས།

གཞན་ཡང་། ཆར་པ་བསྟུད་མར་བབས་པའི་རྐྱེན་གྱིས་རྒྱལ་ལམ349ལམ་རྒྱུད490KM+850M(གཞིས་རྩེ་གྲོང་ཁྱེར་གྱི་གདོང་དཀར་ཤང་གི་ཁོངས་སུ་གནས་པའི་གདོང་དཀར་ཟམ་པ་ཨང3པ) ཕྱོགས་གཉིས་ནས་འགྲིམ་འགྲུལ་བཀག་སྡོམ་ལག་བསྟར་བྱས་ཡོད། ལྷ་སླེའུ་གཞུང་ལམ་ཡར་ཀླུང་གཙང་པོའི་ལམ་རྒྱུད(ལྷ་རྩེ་རྫོང་ནས་བཞད་མཐོང་སྨོན་རྫོང་། ལྷ་རྩེ་རྫོང་ནས་བཀྲིས་འཛོམས་ཤང་དང་། ཕུན་ཚོགས་གླིང་ཤང་། བཀྲ་ཤིས་སྒང་ཤང་། སླེའུ་ཤང་བཅས)ཀྱི་ལམ་དུམ་བུར་ཕྱོགས་གཉིས་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།