དབྱར་གཞུང་ལ་གླིང་ཁ་བཏང་ནས་རང་བྱུང་ཁམས་དང་བར་ཐག་ཉེ་བར་བྱས།

སྤེལ་དུས།   2018-08-20 10:17:58    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

དབྱར་དུས་ཀྱི་གཟའ་མཇུག་ཏུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རྣམས་ལ་གླིང་ཁ་གཏོང་བའི་གོམས་སྲོལ་ཡོད། ལོ་རེའི་ཟླ5བའི་ཟླ་འགོ་ནས་འགོ་ཚུགས་པ་དང་ཞོ་སྟོན་གྱི་སྐབས་སུ་གླིང་ཁ་གཏོང་མཁན་ཆེས་མང་བའི་དུས་སུ་སླེབས་ཡོད།  གླིང་ཁ་གཏོང་བའི་ཉིན་དེར། ཁྱིམ་མི་རྒན་གཞོན་ཚང་མས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ཇ་བསྲུབས་མ་དང་། བག་ལེབ། ཤ་སྐམ་བཅས་དང་དེ་བཞིན་མངར་ཟས་དང་ཤིང་ཏོག་ལ་སོགས་འཁྱེར་ནས་གྲོང་ཁྱེར་ཉེ་འཁོར་གྱི་གླིང་ཁའི་ནང་ཡོང་ནས། རང་བྱུང་ཁམས་དང་བར་ཐག་ཉེ་བར་བྱས་ཏེ་དགའ་སྤྲོར་རོལ་བཞིན་བག་ཕེབས་པའི་ངང་ནས་བསྡད་ཡོད་པ་རེད།

137369447_15334565518111n.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།