བསྟན་ཁོས་གཞིས་རྩེར་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་ཀར་བརྟག་ཞིབ་གནང་།

སྤེལ་དུས།   2018-08-20 10:17:53    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་དང་དིང་རི་རྫོང་།  གཉའ་ལམ་རྫོང་།  སྐྱིད་རོང་རྫོང་བཅས་ཀྱི་དགོན་སྡེ་ཁག་དང་རྫོང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་ཚན་པར་གཟབ་སྐྱོད་གནང་སྟེ།  གཞི་རིམ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་གྱི་ལས་བྱེད་པ་དང་དགོན་སྡེའི་གྲ་བཙུན་ལ་འཚམ་འདྲི་གནང་བ་མ་ཟད།  ཚད་གཞི་བཞི་པོར་བརྩི་སྲུང་བྱས་ནས་སྔོན་ཐོན་གྲ་བཙུན་ཞིག་བྱེད་ཅེས་པའི་སློབ་གསོའི་ལག་ལེན་བྱེད་སྒོ་དང་།  ཆོས་ལུགས་བྱ་བའི་སྲོལ་ཡིག་གི་སློབ་སྦྱོང་དྲིལ་བསྒྲགས་ལས་དོན་ཐད་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས།  སློབ་གསོ་ལག་ལེན་བྱེད་སྒོས་གཅིག་འདོམས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་ནན་གསུང་གནང་བ་རེད།

བསྟན་ཁོ་ནས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་དོན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས།  ཚན་རིག་དང་མཐུན་པའི་གོམ་སྟབས་དང་ནུས་ལྡན་གྱི་བྱ་ཐབས། ཞིབ་ཚགས་པའི་ལས་དོན།  ཏན་ཏིག་གི་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་ཐོག་ནས་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་པ་བྱེད་དགོས་པ་དང་།  དགོན་སྡེའི་འཐབ་ས་དང་པོའི་རྒྱ་ཆེའི་གྲ་བཙུན་ཁྲོད་གཟབ་སྐྱོད་དང་སྣེ་ཁྲིད་ནས་སློབ་སྦྱོང་དྲིལ་བསྒྲགས་བྱེད་པ་དང་།  འཆད་ཁྲིད་བྱས་ནས་བྱེད་སྒོའི་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས་པ།  སྲོལ་ཡིག་གི་ནང་དོན་གཙོ་བོ་དང་གཏན་འབེབས་ཁག་ཁོང་དུ་ཆུད་པ་བྱས་ཏེ།  ཆོས་ལུགས་ལས་ཀའི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་བཅས་ཀྱི་བཀའ་སློབ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།