​བོད་ལྗོངས་ཀྱིས་ད་ལོ་ནས་བཟུང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་སྒོར་ཁྲི་ཚོ10རེ་མང་དུ་གཏོང་རྒྱུ་རེད།

སྤེལ་དུས།   2018-08-20 10:17:51    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ད་ལོ་ནས་བཟུང་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཁ་གསབ་གྲོན་དངུལ་མཐོ་རུ་གཏོང་འགོ་བཙུགས་ཏེ།  དེ་སྔོན་ཚོགས་པ་རེར་ལོ་ལྟར་ཁ་གསབ་གྲོན་དངུལ་སྒོར་ཁྲི་ཚོ20རེ་ཡོད་པའི་རྨང་གཞིའི་ཐོག་ད་ལོ་ནས་བཟུང་ཚོགས་པ་རེར་ལོ་ལྟར་ཁ་གསབ་གྲོན་དངུལ་སྒོར་ཁྲི་ཚོ10རེ་མང་དུ་གཏོང་རྒྱུ་རེད།

རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྲིད་ཇུས་གསར་པ་དེས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ75ལ་ཕན་པ་ཐོབ་ནས་ཚོགས་པ་རེར་ལོ་ལྟར་སྒོར་ཁྲི་ཚོ30ཡི་གྲོན་དངུལ་ཁ་གསབ་འགན་ལེན་ཐུབ་རྒྱུ་དང་།  དེ་མིན་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རེས་ལོ་ལྟར་ད་དུང་སྒོར་ཁྲི་ཚོ20ནས30ཡི་བར་གྱི་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཁ་གསབ་ལོངས་སྤྱོད་ཐུབ་རྒྱུ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  བོད་ལྗོངས་སུ་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྤྱི་ལོ2017ལོར་ལེ་ཚན་གསར་རྩོམ700ལྷག་ཙམ་བྱས་པ་དང་།  གཞི་རིམ་དུ་འཁྲབ་སྟོན་ཐེངས4946བྱས་ནས་མང་ཚོགས་མི་ཐེངས་ཁྲི་ཚོ270ལྷག་ཙམ་གྱིས་ཡིད་གསོས་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཕུད་བོད་ལྗོངས་སུ་ད་དུང་དམངས་ཁྲོད་ལྷ་མོའི་རུ་ཁག143དང་གྲོང་གསེབ་ཀྱི་ལས་ཞོར་རིག་རྩལ་རུ་ཁག2446ཡོད་པ་དང་།  ལས་ཞོར་འཁྲབ་སྟོན་པ40000ཙམ་ཡོད།  ཁོང་ཚོས་ལོ་ལྟར་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་གླུ་གར་དང་འཁྲབ་ཚན་ཐུང་ངུ་།  དགོད་བྲོའི་གཏམ་གླེང་སོགས་ཀྱི་རྣམ་པའི་ཐོག་ནས་ཚན་རྩལ་རིག་གནས་དང་འཕྲོད་བསྟེན་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས།  སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།