ན་གཞོན་སྒྱུ་རྩལ་པ་སྙིང་བརྩེ་རྒྱལ་གྱི་སྒྱུ་རྩལ་ལམ་བུ།

སྤེལ་དུས།   2018-11-13 16:57:39    ཡོང་ཁུངས།  བྲག་དཀར་དྲ་བ།  ནང་དོན་འདི་སྤེལ་མཁན།:བདུད་འདུལ་སྐྱབས།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

     སྙིང་བརྩེ་རྒྱལ་ནི་ལོ་རབས་བདུན་ཅུ་བའི་སྨད་དུ་མདོ་སྨད་རྫོང་བཞིའི་ཡ་གྱལ་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་འདབས་རོལ་དུ་སྐྱེས་ཤིང་། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི་དང་གཞས་མ་གཏམ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་མི་བཅས་ཡིན།

QQ图片20181113154815.jpg

     1999ལོར་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པར་ལས་བགོས་བྱས་ཤིང་མདོ་འཛིན་དང་ཞབས་བྲོ། གླུ་དབྱངས། རོལ་མོ་གསར་རྩོམ་སོགས་བྱ་བ་སྒྲུབ། 2000ལོར་མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་གིས་སྒྲུབ་པའི་ལོ་སར་དགོང་ཚོགས་སྟེང་ཞི་བདེ་ཉི་མ་དང་མཉམ་འབྲེལ་བྱས་ཏེ་གར་ཆུང་འཁྲབ་སྟོན་བྱས། 2003ལོར་མཚོ་ལྷོ་མི་རིགས་གླུ་གར་ཚོགས་པས་སྒྲིག་ཁྲིད་བྱས་པའི་གླུ་བྲོའི་ཟློས་གར་ཆེན་མོ«འཇང་ཕྲུག»གི་ནང་གེ་སར་འཁྲབ་ཤིང་ཞིང་ཆེན་ཡོངས་ཀྱི་མི་སྒེར་གྱི་བྱ་དགའ་ཨང་གསུམ་པ་ཐོབ། 2004ལོར་གཞས་མ་གཏམ་གྱི་བརྩམས་ཆོས«གེ་སར་བསྟོད་གླུ»ཞེས་པར་ཞིང་ཆེན་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།  2005ལོར་གཞས་མ་གཏམ་གྱི་བརྩམས་ཆོས«གེ་སར་རྒྱལ་པོའི་མཛད་འཕྲིན»ཞེས་པར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་འགྲན་སྡུར་ཁྲོད་ཕུལ་བྱུང་བརྩམས་ཆོས་བཅུའི་བྱ་དགའ་ཐོབ། 2007ལོར་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་དགོད་སྒྲུང་བརྙན་འཕྲིན་ཟློས་གར་ཐོག་མ«མོ་སྟོན་ཕག་མགོ»ཡི་ནང་དུ་གཙོ་འཁྲབ་དང་བརྗོད་དོན་གླུ་དབྱངས་བླངས་ཤིང་བོད་ཀྱི་སྤྱི་ཚོགས་སྟེང་དགའ་བསུ་ཚད་མེད་ཐོབ། སྔ་ཕྱིར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་གྱིས་སྒྲུབ་པའི་དམངས་ཁྲོད་ལོ་སར་དགོང་ཚོགས་དང་བྱིས་པའི་ལོ་སར་དགོང་ཚོགས་སོགས་སུ་དབྱངས་རྩོམ་པ་དང་རོལ་མོ་སྤྱིའི་ལྟ་སྐུལ་བའི་འགན་ཁུར།  དེ་མིན་གློག་བརྙན་ཐུང་ངུ«མདུད་པ»དང་དངོས་བཤུས་གློག་བརྙན«བོད་ཁམས་འགྲུལ་བཞུད»ཀྱི་བར་བཅུག་རོལ་མོ་དང་གློག་བརྙན་ཐུང་ངུ«གངས་འདབས་ཀྱི་རྟོགས་སད»ཀྱི་བརྗོད་དོན་གླུ་དབྱངས་གསར་རྩོམ་བྱས།

QQ图片20181113154903.jpg

     གླུ་གཞས་བརྩམས་ཆོས་གཙོ་བོ་ལ། «ཨ་ཅེ་སེང་ལྕམ་འབྲུག་མོ»«སེམས་ཀྱི་གཞས་ཆུང་།»«ཨ་མར་ཕུལ་བའི་གླུ»«བུ་མོའི་སེམས་རྟེན»«ཁྱོད་དང་ང་ཡི་བརྩེ་བ»«བུ་མོ་མ་ངུ་བུ་མོ་ཡར་ལ་ལོངས»«ཁྲི་ཤོར་རྒྱལ་མོ»«གཡུ་ཆུང་དྲུག་དཀར»«དྲིན་ཆེན་ཕ་མའི་ཕ་མ»«ཕ་ཡུལ་བྲག་དཀར»«རྟ་མཆོག་འཕུར་ཤེས»«སེམས་ཀྱི་མཆོད་དབྱངས»«དྲིན་ཨ་མ་སྒྲོལ་མ་དཀར་མོ་ཡིན» «སེམས་ཀྱི་མཛའ་བོ»«ཨ་མ་དྲེད་མ»«ངས་མ་བརྗེད་སེམས་ལ་དཔར་ཡོད»«རིག་པའི་དགའ་ཚལ»སོགས་བརྒྱ་ཕྲག་ལྷག་ཡོད།

QQ图片20181113154921.jpg

     ཞབས་བྲོའི་རོལ་དབྱངས་ལ། «རྐྱང་རྒོད་གཡེར་བ»«ལྗང་མདོག་གི་ཕ་གཞིས»«མཚོ་ལྷོའི་སྤྲོ་གླུ་རིང་མོ»«འབྱོར་ཕྱུག་གི་བྲག་དཀར»«ཨ་མདོའི་བུ་མོ»«གནས་འགྲོ་མ»«སུ་རུ་མེ་ཏོག»«གཡང་མདའ»«ལས་གླུ་བཀྲ་ཤིས་སུམ་འཛོམས»«གནས་མཆོག་སྤྲེལ་རྫོང»«རྨ་ཀླུང་རིང་མོ»སོགས་ལྔ་བཅུ་ལྷག་ཡོད། ད་དུང་རོལ་མོའི་ཟློས་གར་ཐུང་གྲས་ལ«ཨ་ཆེན་གངས་རྒྱབ་ཀྱི་འབོད་པ»དང་གླུ་བྲོའི་ཟློས་གར«སེང་འབྲུག་སྟག་རྩེ་ཕོ་བྲང་གི་སྐྱོ་གླུ»«གེ་སར་སྤྲོ་སྟོན»དམངས་སྲོལ་གླུ་བྲོའི་ཟློས་གར་ཆེན་མོ«མདའ་བཞིའི་གཉེན་སྟོན»བཅས་ཡོད།

 

QQ图片20181113154959.jpg


 


དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།