ཕ་ཡུལ་བྲག་དཀར་རྫོང་གི་མཛེས་སྡུག་གི་ལེ་ཚན།

སྤེལ་དུས།   2019-07-23 15:22:37    ཡོང་ཁུངས།  མཚོ་ལྷོ་ཚགས་པར།  ནང་དོན་འདི་སྤེལ་མཁན།:སྒམ་པོ་ཚེ་རིང་།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

བརྩོན་པའི་འགྲོས་ལ་འཁྲུངས་པའི་བཤུལ་ལམ་ལ་ཅེར་ཚེ།  བྲག་དཀར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་འོག རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་། དཀའ་སྤྱད་འབད་བརྩོན། ཕན་ཚུན་རོགས་རེ། ཡིད་ཆེས་རྒྱབ་སྐྱོར།  བློ་འདོན་གྲོས་སྡུར་གྱི་བྱ་བའི་བྱེད་ཕྱོགས་ཡུན་དུ་བསྲིངས་པས།  ཡུལ་གྲུ་ཆེན་པོ་འདིའི་གཞི་རུ་ཐོད་བརྒལ་དང་གྲུབ་འབྲས་མུ་རུ་བསྟར་བྱུང་།

640.webp.jpg

ལྷག་ཏུ།  ཉེ་བའི་ལོ་འགའི་རིང་ལ་རྫོང་གི་གོང་འོག་བར་གསུམ་ཚང་མས།  ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་ཆེན་པོ་དང་།  ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས་བསྒྱུར་དགོས་པ་བཞིར་སྐུལ་འདེད་བཏང་སྟེ།  གནད་ཁེལ་དབུལ་སྐྱོར་གྱི་བྱ་བ་ནན་གྱིས་བསྒྲུབས་ཤིང་སྐྱེ་ཁམས་ཁོར་སྲུང་དང་། དེང་རབས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས། མཛེས་སྡུག་ལྡན་པའི་མཁར་ཞང་འཛུགས་སྐྲུན་སོགས་དམངས་ཕན་སྲིད་ཇུས་དང་གོ་སྐབས་མ་ལུས་དམ་འཛིན་བྱས་པས།  རྫོང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་བདེ་ཐང་གིས་གོང་དུ་འཕེལ་ཞིང་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་མཛེས་སྡུག་ཡིད་འོངས་ཀྱི་པར་རིས་ཤིག་ཀུན་གྱི་སྤྱན་ལམ་དུ་འཁྲུངས་སོང་།  

མཆོང་རྩལ། 


དད་མོས། 

སྐྱེ་ཁམས། 


དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།