རྨ་སྟོད་རྫོང་གིས་དབུལ་སྡེ11དང་མི་གྲངས5075དབུལ་ཐར་མངོན་འགྱུར་བྱས་པ།

སྤེལ་དུས།   2019-07-23 14:39:47    ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  ནང་དོན་འདི་སྤེལ་མཁན།:ཀླུ་མོ།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |


    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱེད་པ་དེ“འདུ་ཤེས་བཞིའི”ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ཆབ་སྲིད་ཀྱི་ལས་འགན་དང་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཏུ་བཞག་ནས། དབུལ་སྡེ11གི་ཁྱིམ་ཚང1721དང་མི་གྲངས5075དུས་བཀག་ལྟར་དབུལ་ཐར་བརྟན་པོ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།

ཕྱོགས་མང་གི་རྒྱབ་སྐྱོར་འོག རྨ་ཆེན་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཞིང་། དབུལ་སྒྲོལ་ལས་དོན་གྱི་རྨང་གཞི་སྲ་བརྟན་དང་། རྨང་གཞིའི་སྒྲིག་བཀོད་ཇེ་ལེགས། གཙོ་གནད་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད། དབུལ་ཐར་འགག་སྒྲོལ་གྱི་མཉམ་ཤུགས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས། དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སོགས་དཔལ་འབྱོར་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་འཇགས་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

ལོ་ཙཱ་བ། ཀླུ་མོ།


དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།