བྲག་དཀར་རྫོང་གི་ལོ་རྒྱུས།

སྤེལ་དུས།   2019-07-23 15:50:30    ཡོང་ཁུངས།  བྲག་དཀར་རྫོང་ཉི་ཟེར་སྲིད་དོན་ཆ་འཕྲིན་དྲ་བ།   ནང་དོན་འདི་སྤེལ་མཁན།:སྒྲོལ་མ་སྐྱིད།       རྡེབ་ཚད།  

    QQ截图2016010619214822222.jpg  

   བྲག་དཀར་རྫོང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་འཆགས་ཤིང་། ཤར་ནུབ་ཀྱི་ཞེང་ལ་སྤྱི་ལེ118.75དང་། ལྷོ་བྱང་གི་སྲིད་ལ་སྤྱི་ལེ159.5ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.21མཆིས། ཤར་ཕྱོགས་སུ་མང་རྫོང་དང་འབའ་རྫོང་གཉིས་རྫོང་འདི་དང་ཁ་གཏད་དུ་ཆགས་པ་དང་། ལྷོ་ཕྱོགས་ནི་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་དུར་ལམ་རྫོང་ཁྱིམ་མཚེས་ཀྱིས་ཚུལ་གྱིས་གནས་ཤིང་། བྱང་ཕྱོགས་ནི་གསེར་ཆེན་རྫོང་དང་འདབས་འབྲེལ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35︒35'དང་། ཤར་གྱི་གཞུང་ཚད99︒59'ཡི་མཚམས་སུ་ཡོད།   ནུབ་བྱང་གི་མཚམས་སུ་ངང་ལའི་རྫ་རྒྱུད་དང་། ལྷོ་ནུབ་ཀྱི་མཚམས་སུ་པུར་ཧན་རི་རྒྱུད་དང་། ལྷོ་ཕྱོགས་སུ་ཨ་མྱེས་རྨ་ཆེན་གངས་རི་བཅས་དང་འབྲེལ་ཡོད། རྫོང་གི་མངའ་ཁོངས་ན་སྒང་གཤོང་མཉམ་གཤིབ་དང་རི་ཀློང་མཉམ་གནས་ཡིན་ལ། རྨ་ཆུ་ནི་རྫོང་མཚམས་བརྒལ་ཏེ་ཤར་ཕྱོགས་སུ་དལ་གྱིས་འབབ་པ་དང་། ཧང་ཆུ་དང་ཆུ་སྔོན། འབྲོང་འཐུས་ཆུ་བཅས་ནི་ཤར་ཕྱོགས་གསེར་ལྡན་གཙང་བོའི་ནང་དུ་ལྷུང་ལྷུང་འབབ་བཞིན་ཡོད་ལ། ཡངས་པའི་སྤང་ཐང་གི་གཡེར་བག་ཀྱང་ང་ཚོའི་སྤྱན་ལམ་དུ་ངང་གིས་བཞུར་ཡོང་།

    5555555555555555555.jpg

    རྫོང་འདིའི་མངའ་ཁོངས་སུ་བོད་དང་རྒྱ། ཧེའུ་རིགས། ཧོར། ས་ལར། སོག་པོ་སོགས་མི་རིགས་སྐོར་ཞིག་འདུས་སྡོད་བྱས་ཡོད་པ་དང་། དེ་དག་ལས་བོད་རིགས་གཙོ་བོ་ཡིན་ལ་དེས་རྫོང་ཡོངས་ཀྱིས་མི་གྲངས་ཀྱི70%ཡན་ཟིན།  

    བྲག་དཀར་རྫོང་གི་ས་གཤིས་ཅུང་རྙོག་དྲ་ཆེ་སྟེ། ཁུ་ནུའི་རི་རྒྱུད་དུ་གཏོགས་པས་རི་རྒྱུད་དང་གཤོང་ས། ཆུ་ཀློང་བཅས་ཁ་བཀྲམ་ཅིང་། ལྷོ་བྱང་རྒྱུད་ཀྱི་ས་ཁུལ་ནི་མཚོ་ངོས་ལས་མུས4500ཡན་ཡིན་པ་དང་། རང་རྫོང་གི་ཆེས་མཐོ་ས་ནི་ངང་ལའི་རྫ་རྒྱུད་དུ་གཏོགས་པའི་ཟོ་རའི་སྲས་དཀར་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་མུས5305ཡོད་པས། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ལྟ་བུ་ཡིན། ཆེས་དམའ་ས་ནི་དཔལ་ཁ་གྲོང་རྡལ་གྱི་བག་མཐོ་འགག་ཁ་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ལས་མུས2590ཡོད། མཐོ་དམའ་གཉིས་ཀར་ཧེ་བག་མུས2715ཙམ་ཡོད། ས་གཤིས་དང་མཁའ་དབུགས། སྤང་ཤུན་ལ་མངོན་གསལ་གྱི་འགྱུར་ལྡོག་ཡོད་པ་དང་། མཁའ་དབུགས་ཀྱང་དེ་དང་བསྟུན་ནས་འགྱུར་བཞིན་ཡོད། དུས་བཞིའི་འགྱུར་བ་མི་གསལ་ལ་དབྱར་ཐུང་ཞིང་དགུན་རིང་། ལོ་ཧྲིལ་བོའི་ཆ་སྙོམ་གྱི་དྲོད་ཚད་ནི0︒cམན་ཡིན་པ་དང་། ཆེས་དྲོ་བའི་ཟླ་བའི་དྲོད་ཚད་ནི46︒c ཡིན།  ཆེས་འཁྱག་པའི་ཟླ་བའི་འཁྱག་ཚད་ནི6︒c —16.7︒c ཡིན་པ་དང་། ཐལ་ཆེ་བའི་ཆེས་དམའ་བའི་དྲོད་ཚད་ནི33︒c ཡིན། མཁའ་དབུགས་འཁྱག་ཤས་ཆེ་ལ་སྐམ་ཞིང་བྱེ་རླུང་རྒོད། ལོའི་ཆར་འབབ་ཚད་ནི་ཧོ་མུས196.5—470.5ཡིན། བ་མོ་མེད་པའི་དུས་ཡུན་ནི་ཆ་སྙོམ་བྱས་ན་ཉིན38ཡིན།

    55555.jpg

   བྲག་དཀར་རྫོང་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི1515.42ཡོད་པ་དང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི82.93%ཟིན་ཡོད། དེའི་ནང་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་ཁྲི1404.07ཡོད་པ་དང་། དེས་རྩྭ་སའི་སྤྱིའི་རྒྱ་ཁྱོན་གྱི92.65%ཟིན། ལོ་རེར་རྩྭ་གསར་པ་སྤྱི་རྒྱ22.7ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། བསྡོམས་པས་མུའུ་རེར་རྩྭ་སྤྱི་རྒྱ161.3ཐོན་སྐྱེད་བྱེད་ཀྱིན་ཡོད། མཚོ་བོད་མཐོ་སྒང་གི་དྲག་ཏུ་འབུར་པའི་ས་བབ་ཀྱི་དབང་གིས་ཞིན་ཧེ་རྫོང་གི་རི་རྒྱུད་དང་ལུང་གཞུང་ཀྱག་ཀྱོག་གིས་ཁེངས་པ་དང་། རྩྭ་སའང་དཔལ་ཁའི་གཤོངས་ས་དང་། ཐང་ནག འབྲོང་འཐུས། ལུང་བཟང་། ཆུ་ཁོལ་བཅས་ཀྱི་རི་འབུར་དང་གྲམ་ཐང་དང་རྨ་ཆུའི་ལུང་གཞུང་དང་ཆུ་སྔོན། ཧང་ཆུའི་བཞུར་ཡུལ་གྱི་གཞོང་ས་བཅས་སུ་ཡོད་པ་དང་། རྩྭ་ཤུན་ཐད་འཕྱང་ས་རྒྱུད་ཀྱིས་ཁེངས་ཡོད། ལྷོ་ནས་བྱང་བར་གྲང་ངར་ཆེ་བའི་སྤང་ལྗོངས་དང་སྤང་རི། རྩྭ་ཐང་བཅས་སུ་དབྱེ་ཆོག་ཅིང་ས་དབྱིབས་ཀྱི་དབང་གིས་རྩྭའི་རྒྱུ་སྤུས་ཀྱང་མི་འདྲ། རྨ་ཆུའི་གཞོང་ས་དང་ཧང་ཆུའི་ཆུ། ཆུ་སྔོན་གྱི་བཞུར་རྒྱུན་གྱི་འགྲམ་ངོགས་གཉིས་སུ་ས་ཞིང་མུའུ76034ཡོད་པ་དེས་རྫོང་ཡོངས་ཀྱི་ས་ཞིང་མུའུ176034ཡོད་པ་དེའི་    43%ཟིན། གྲོ་དང་སྲན་མ། ནས། ལོག་ཀར་སོགས་བཏབ་ཆོག ས་ཆ་འགའ་ཤས་ནས་གདོད་མའི་ནགས་ཚལ་སྟུག་པོ་ཡིན་ལ་ཡུང་ཧྲན་གསོམ་ཤིང་དང། སྡོང་ཕྲན་སོགས་ཡོད། ནགས་སའི་རྒྱ་ཁྱོན་ལ་ཀོང་ཆིན10723ཡོད་པ་དང་དེས་སའི་རྒྱ་ཁྱོན་གྱི10.7%ཟིན། ནགས་ཚལ་གྱི་ཁེབས་ཚད6.02%ཡིན།  

   3333333.jpg 

   བྲག་དཀར་རྫོང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཕུན་སུམ་ཚོགས་པས་མཚོ་ལྷོ་ས་ཁུལ་གྱི་ཨང་དང་པོར་གཏོགས། རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་གཡི་གར་དང་། ཝ་དམར། སྦྲེ། ཤ་སྐྱ། གླ་བ། དྲེད་མོང་། གཙོད། རྫ་ཁའི་གོའུ་ཡག འབྲོང་། རྐྱང་། གཉན། གསའ་གཟིག བྱ་ཝང་སྔོན་པོ། དགོ་བ་བཅས་ཡོད་པ་དང་།  དཔལ་འབྱོར་གྱི་ཐད་ལ་མཁོ་བ་ཆེ་ཞིང་སྨན་རྫས་སུ་རུང་བའི་སྐྱེ་དངོས་རིགས243ཡོད་པ་ལས་གཙོ་བོ་ནི་དབྱར་རྩྭ་དང་། མེ་ཏོག་གངས་ལྷ། ལྕུམ་རྩྭ། སྲད་དཀར། ཀྱི་ལྕེ། སྤྲུ་དཀར་སོགས་ཡིན།  

   བྲག་དཀར་རྫོང་གི་རང་བྱུང་གཏེར་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། ཟངས་དང་། ལྕགས། ཞ་ཉེ། ཏི་ཚ། གསེར། ཨན། པིས། མོལ། དངུལ་སོགས་དང་། གཞན་རྡོ་སོལ་དང་། ཅུ་གང་། ལྷང་ཚེར། ཨས། རྡོ་སྣག ཤེལ་རྡོ། རྡོ་ཐལ་བྲག་རྡོ། དངུལ་ཆུ་སོགས་ཡོད། གོང་གི་ཐོན་ཁུངས་དག་གཙོ་བོ་ཧང་གཞོངས་དང་། ཆུ་རིང་། གསེར་ཐང་སོགས་སུ་ཡོད། 

    00000000000000.jpg

    བྲག་དཀར་རྫོང་གི་ཆུའི་ཐོན་ཁུངས་ཀྱི་ཐད་ནས་ཀྱང་རྨ་ཆུ་དང་། ཆུ་སྔོན། ཧང་ཆུ་སོགས་ཡོད་པས་ས་གཤིས་བརླན་ཞིང་འགྱུར་བག་ཆེ། ཆུའི་གསོག་འཇོག་བྱས་ཚུལ་ཆིན་ཝ་ཁྲི42.69ཡིན་པ་དང་། གསར་དུ་ལས་པའི་གློག་འདོན་ས་ཚིགས་ཀྱི་ཤོང་ཚད་ཆིན་ཝ་ཁྲི22ཡིན་པ་དང་། ཆུ་ནུས་ཆིན་ཝ4000 འདོན་སྤེལ་བྱས་པ་དང་། གསར་སྤེལ་བྱས་ཆོག་པའི་ཆུ་ནུས་ཀྱི1.8%ཟིན།

    གནས་རི་གྲགས་ཆེན་གྱི་སྐོར་ལ་གཡུ་ལུང་བྲག་དཀར་དང་། ཧང་ངའི་རི་རྒན། ཨ་མྱེས་གཉན་ཆེན། ཁུ་ཇོ་རྫ་རྒན། ཨ་མྱེས་གཡུ་རལ། དབུས་རི་ཕྱུག་པོ། ཨ་མྱེས་ཧག་རྩེ། སྨུག་པོ་སྤུན་གསུམ། ལྷ་རི་ཞལ་དཀར། ཨ་མྱེས་སྲིན་པོ། ཕུན་སུམ་ཚོགས་པ། མཛོད་བདག་ལྷ་རི་དྲེའུ་དཀར། དུང་རྫ་སྨུག་རིང་། ཕྱུག་ཚུགས་བཀྲ་ཤིས་འབྱུང་གནས། ཆུ་སྔོན་ཨ་མྱེས་གཡའ་རི། བོང་སྟག་ཨ་མྱེས་རྫ་རི། ཟོ་རའི་ཟིས་དཀར་སོགས་ཡོད་པ་དང་། དེ་མིན་རྔ་ཐང་དང་། རྩི་གོར་ཐང་། ཧང་གཞོང་། གསེར་ཐང་སོགས་ཐང་གཞོངས་གྲགས་ཆེན་ཀྱང་དུ་མ་ཡོད།   

    རྫོང་འདིའི་མངའ་ཁོངས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་དུ་གྲགས་པའི་བྲག་དཀར་སྤྲེལ་རྫོང་དགོན་ཡོད་པས་བྲག་དཀར་རྫོང་ཞེས་བཏགས་པ་དང་། རྒྱ་སྐད་ཀྱི་ཞིན་ཧེ་ཟེར་ལ་དེ་ནི“མཚོ་སྔོན་དར་སྤེལ”ཞེས་པའི་དོན་ཡིན། ཆིན་རྒྱབར་བས་ཀྱི་སྔོན་དུ་ནུབ་ཆིང་གི་ཁོངས་སུ་གཏོགས་པ་དང་། དེ་ནས་ལོ་རྒྱུས་འཕེལ་རིམ་གྱི་གོམ་འགྲོས་ཁྲོད་ནས་ས་གནས་སྟོབས་ཤུགས་ཀྱི་དབང་དུ་སོང་ལ་སྤྱི་ལོ670སྐབས་སུ་བོད་ཐང་འཐབ་པ་ལས་ཐང་དམག་ཕམ་པས་བོད་བཙན་པོའི་མངའ་ཁོངས་སུ་གཏོགས། སོང་རྒྱལ་རབས་ཀྱི་སྐབས་སུ་བོད་བཙན་པོའི་གདུང་རྒྱུད་ངོ་མ་ཇོ་སྲས་ཀྱིས་མངའ་ཁོངས་སུ་བསྡུས། དེ་ཡང་མེན་གོའི་སྲིད་ལོ18(1929)སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་བཙུགས་པས་ཞིན་ཧེ་རྫོང་གུང་ཧོའི་མངའ་ཁོངས་ཡིན་ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་ཡིན། མེན་གོའི་སྲིད་ལོ28(1939)སྐབས་སུ་ཏ་ཧོ་པ་ཧྲེ་ཀྲིས་ཅུས་ཞེས་པའི་ལས་ཁུངས་བཙུགས། མེན་གོའི་སྲིད་ལོ33(1944)སྐབས་སུ་ཏ་ཧོ་པ་ཧྲེ་ཀྲིས་ཅུས་ཞེས་པ་དེ་རྫོང་རིམ་པར་འཕར་རྗེས་རྒྱ་སྐད་ཀྱི་ཞིན་ཧེ་རྫོང་ཞེས་བཏགས། སྔར་བཞིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་པ་ཡིན། སྤྱི་ལོ1949ལོའི་ཟླ10ནང་ཀྲུང་གོ་མི་དངས་བཅངས་གྲོལ་དམག་ཞིན་ཧེ་རྫོང་དུ་འབྱོར་ཞིང་སྲིད་དབང་རྙིང་བའི་མཇུག་ཡོངས་སུ་སྒྲིལ་བ་དང་། སྤྱི་ལོ1959ལོའི་ཟླ6ནང་ཞིན་ཧེ་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་སོ།། 

                                                          


པད་རིག་དང་སྒྲོལ་མ་སྐྱིད་ཀྱིས་བསྒྱུར། 


དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།