ལྷ་ས་གྲོང་ཁྱེར་གྱིས་འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་དང་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་དབྱེ་རྒྱུ་རེད།

སྤེལ་དུས།   2018-08-20 10:18:18    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་གྲོང་ཁྱེར་གྱིས་བསྐོང་ཚོགས་བྱས་པའི་གྲོང་ཁྱེར་དེ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་དང་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་དབྱེ་བའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་ནས་ད་ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་ནུས་པའི་ཁུལ་དང་སྲུང་སྐྱོབ་ཁུལ་དབྱེ་བའི་ལས་འགན་དང་ས་ཀྲ་འགོད་པ།  མཛོད་མཇུག་བྱེད་པ་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུའི་ནང་།  ནས་ཀྱི་ཐོན་སྐྱེད་ནུས་པའི་ཁུལ་མུའུ་ཁྲི་ཚོ35དང་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་མུའུ་ཁྲི5ཟིན་གྱི་ཡོད།  ནུས་པའི་ཁུལ་དང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་དེ་གཏན་འཇག་གཞི་རྩའི་ས་ཞིང་རྒྱ་ཁྱོན་གྱི65%ཟིན་པ་དང་།  རྨོ་ཞིང་རྒྱ་ཁྱོན་གྱི55%ཟིན་གྱི་ཡོད།  

ཤེས་རྟོགས་བྱས་པར་གཞིགས་ན།  འབྲུ་རིགས་ཐོན་སྐྱེད་ནུས་པའི་ཁུལ་དང་གཙོ་གནད་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་དབྱེ་དོན་ནི།  ཞིང་ལས་ཁུལ་ཁོངས་བཀོད་ཁྱབ་དང་གཙོ་རྒྱུ་ལེགས་སྒྲིག་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་ཁྲོམ་རའི་འགྲན་རྩོད་ཆེ་རུ་གཏོང་ཆེད་རེད།  ལྷ་ས་གྲོང་ཁྱེར་གྱིས་ནུས་པའི་ཁུལ་དང་སྲུང་སྐྱོབ་ཁུལ་དབྱེ་བའི་ཚད་གཞི་གཏན་འཁེལ་བྱས་པ་དང་།  གཏན་འཇག་གཞི་རྩའི་ས་ཞིང་གི་རྨང་གཞི་བྱས་ཏེ་ས་ཆུའི་ཐོན་ཁུངས་ཅུང་ལེགས་པ་དང་ཞིང་ལས་རྨང་གཞིའི་སྒྲིག་བཀོད་ཅུང་ཆ་ཚང་བ།  སྐྱེ་ཁམས་ཁོར་ཡུག་ལེགས་པ།  འབྲུ་རིགས་དང་གཙོ་གནད་ཞིང་ལས་ཐོན་རྫས་འདེབས་བཙུགས་སྲོལ་རྒྱུན་ལྡན་པ་སོགས་སྤུས་ལེགས་རྨོ་ཞིང་དབྱེ་ཁོངས་ནང་བཅུག་པ་མ་ཟད།  འཛུགས་སྐྲུན་ཟིན་པ་ཡང་ན་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུའི་ཚད་གཞི་མཐོ་བའི་ས་ཞིང་དབྱེ་ཁོངས་ནང་བཅུག་པ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།