གཅིག་སེམས་གཅིག་སྦྲེལ་གྱིས་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་བ།

སྤེལ་དུས།   2018-08-20 10:18:21    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། ཀླུ་མོ་མཚོ།       རྡེབ་ཚད།  

—— ལོ་སྟོད་ཀྱི་བོད་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་སྐོར་བཀོད་པ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཤོངས་དགའ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་འཇམ་དབྱངས་ཉི་མས“གྲོང་སྡོད་བྱས་ནས་ལོ་ཕྱེད་སོང་བའི་ནང་ང་ཚོས་གཅིག་སེམས་གཅིག་སྦྲེལ་གྱིས་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ་སྡེ་ཁུལ་ལ་རོགས་རམ་བྱས་ཏེ་ལས་དོན་ཁག་སྤེལ་བར་བརྟེན། སེམས་ལ་གནོང་འགྱོད་མི་འདུག”ཅེས་བཤད། ལོ་སྟོད་དུ་ཁོང་གིས་ལས་དོན་རུ་མི་འཁྲིད་དེ་སྡེ་ཁུལ་གྱི་ལམ་དང་ཡུར་བུ་བཟོ་བ་དང་ཉི་འོད་ནུས་པའི་ལམ་སྒྲོན་བསྒར་བ་སོགས་བྱས་ཡོད།

འདི་ནི་ལོ་སྟོད་ཀྱི་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་གྱི་བསྡུས་རིས་ཙམ་རེད། ཁག་བདུན་པའི་གྲོང་སྡོད་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་ལས་བྱེད་ལས་བཟོ་ཁྲི་2.1གྲོང་ཚོར(གྲོང་ལྷན)5475རུ་བསྐྱོད་དེ་དུས་རབས་གསར་པའི་ལས་བྱེད་པའི་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་བདུན”དོན་འཁྱོལ་བྱ་རྒྱུར་དམིགས་ནས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་བསྒྲུབས་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཞིང་འབྲོག་ཁུལ་གྱི་རྣམ་པར་འགྱུར་ལྡོག སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་བརྟེན་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།

“ལས་དོན་རུ་ཁག་གིས་སྐད་འཕྲིན་ཚོགས་པའི་ཐོག་ནས་ང་ཚོར《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པའི་ཚིག་གྲུབ་བརྒྱ》ཡི་བོད་སྐད་སྒྲ་ལམ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བོད་ཡིག་པར་གཞིའི་གསལ་འགྲེལ་དེབ་H5འོས་སྦྱོར་བྱས་པར་བརྟེན་ང་ཚོའི་སྡེ་ཁུལ་གྱི་ཨུ་ལྷན་གཉིས་ཀྱི་ཚན་ཁག་ཁོངས་མི་དང་མང་ཚོགས་ཀྱིས་འཕྲལ་དུ་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་སྐྲུན་ཡོད”ཅེས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་དགས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱས་པར་བསྔགས་བརྗོད་བྱས།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་གཞོགས་འདེགས་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ནི་གྲོང་སྡོད་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུའི་འགག་རྩ་ཞིག་རེད། དམིགས་ཚད་དེ་མངོན་འགྱུར་བྱ་ཆེད་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་མི་འབོར་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཐུབ་རྒྱུའི་ལམ་སྲོལ་ལག་བསྟར་དང་། “གནད་སྨིན་དྲུག”དོན་འཁྱོལ། “མཐོར་གཏོང་བཅུའི”འདུ་འགོད་ལ་སྐུལ་འདེད། ཁྲོམ་རའི་དགོས་མཁོར་ཕྱོགས་པ་བཅས་བྱས་ཏེ་གྲོང་ཚོར(གྲོང་ལྷན)འཕེལ་རྒྱས་ཀྱི་ངེས་གནས་འཚོལ་རོགས་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱས་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ཐུབ་པ་བྱ་རྒྱུ་དང་། མང་ཚོགས་དབུལ་པོའི“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་ཁྱད་བསད་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་རང་ངོས་འཕེལ་རྒྱས་དང་རང་ངོས་དབུལ་སྒྲོལ་གྱི་ནང་གནས་གསོན་ཤུགས་འཕེལ་བ་བྱ་རྒྱུ། དམངས་ཡོངས་ཀྱིས་རྩྭ་འདེབས་ཤིང་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་འཛོམས་པའི་ས་ཆར་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དང་འབྲེལ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ལོ་15ཡི་རིན་མེད་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་རྣམས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཏན་ཏིག་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཀུན་སྤྱོད་གོང་དུ་བཀུར་བ་དང་མིག་ལྟོས་ཡར་འདྲེན་བྱ་རྒྱུར་སྣེ་ཁྲིད་དེ་རང་རྟོགས་ངང་ལུགས་རྙིང་སྲོལ་ངན་དང་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཀྱི་འཆིང་རྒྱ་གཏོར་རྒྱུ་བཅས་རེད།

གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་ན། གྲོང་གསེབ་དར་རྒྱས་ལག་བསྟར་བྱེད་ཐབས་དཀའ། གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་ཡིན་ན། གྲོང་གསེབ་དར་རྒྱས་ཡོང་རྒྱུ་ལོས་རེད། དེར་བརྟེན་རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་ཏང་རྩ་འཛུགས་ཀྱི་འཚོ་བ་དང་། ཏང་ཡོན་འཕེལ་རྒྱས། གྲོང་ཚོའི་རྗེས་གྲབས་ལས་བྱེད་པའི་གྲ་སྒྲིག་མཛོད་བསྐྲུན་པ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་ཡོད། མིག་སྔའི་བར་གྲོང་སྡོད་ལས་དོན་(གྲོང་ལྷན)རུ་ཁག་ཁག་གིས་ཏང་ཡོན་ཁྲི0.7ལྷག་དང་། གྲ་སྒྲིག་ཏང་ཡོན་ཁྲི0.4ལྷག ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཁྲི0.9ལྷག་བཅས་འཕེལ་རྒྱས་བཏང་བ་དང་ཏང་ཡོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་ཁྲི0.7ལྷག་གཉེར་ནས་ཏང་ཡོན་ཁྲི་16ལྷག་གསོ་སྦྱོང་བྱས་པ་མ་ཟད། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིར་རིག་གནས་སློབ་ཚན་སློབ་དུས་ཁྲི་9ལྷག་ཙམ་འཁྲིད་པ་དང་སྒྲིག་སྲོལ་ལམ་ལུགས་ཁྲི1.2ལྷག་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།