ལྷ་སས་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

སྤེལ་དུས།   2018-08-20 10:17:35    ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུས་ལྟེ་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དམར་ཐིག་དང་མཐའ་ཚད།  གློག་ཆེན་བཅས་བརྟན་སྲུང་བྱས་ཏེ་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། 

ཉེ་བའི་ལོའི་རིང་ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོང་འཕེལ་གྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་གཙང་ཆུ་མཚོ་སྐྱིལ་དང་ཤིང་སྣ་རི་འདེབས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ལས་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་རེད།  ཁྱོན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར35ཟིན་པའི་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུ་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞིར་གཙང་ཆུ་མཚོ་སྐྱེལ་ལས་གཞི་དང་ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ལས་གཞི་ཞེས་ཀྱང་འབོད་ཀྱི་ཡོད་ཅིང་།  ལྷ་ས་གྲོང་ཁྱེར་གྱི་གཙོ་ཆེའི་དམངས་འཚོའི་ལས་གཞི་དང་དམངས་སེམས་ལས་གཞིར་གྱུར་ཡོད། 

ད་ཆ་སྐྱེ་ཁམས་མཛེས་སྡུག་ལྡན་པ་ནི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད།  ལྷ་སའི་ཁྲོམ་གཞུང་དུ་བསྐྱོད་སྐབས་སྔོ་ལྗང་ཅན་གྱི་ལྗོན་ཤིང་དང་དྲི་ཞིམ་འཐུལ་བའི་མེ་ཏོག་ལྡུམ་རས་ཁེངས་ནས་ཡོད་པའི་མཛེས་ལྗོངས་ནི་རྒྱུན་གཏན་གྱི་མཐོང་ཆོས་སུ་གྱུར་ཟིན་པ་དང་།  ས་སྲོས་མཚམས་སུ་གྲོང་མི་དང་ཡུལ་སྐོར་བ་མང་པོ་སྤྱི་གླིང་དུ་འཛོམས་ཤིང་རྒན་དར་ཚོས་སྤྲོ་སྣང་བག་ཕེབས་ཀྱི་ཐང་ཆེན་ཞབས་བྲོ་འཁྲབ་པ་དང་།  ལོ་ཆུང་གཞོན་ནུ་ཚོས་བདེ་ལྕག་འཁྱུག་པོའི་སྲང་ལམ་ཞབས་བྲོ་འཁྲབ་པ།  གྲོང་མི་ཁག་ཅིག་འཆམ་འཆམ་བྱེད་པ་སོགས་བདེ་ཞིང་སྐྱིད་པའི་འཚོ་བའི་རྣམ་པ་ཞིག་མངོན་བཞིན་ཡོད། 

ད་ལོ་ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་ཉེ་འཁོར་དང་གཙང་པོ་གཉིས་དང་ཆུ་བོ་བཞིའི་རྒྱུག་ཁུལ་ནགས་བཟོ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་བྱེ་འགོག་བྱེ་བཅོས་ལས་གཞི་ལག་བསྟར་བྱས་ཏེ།  ཕྱོགས་ཡོངས་ནས་ས་བབ་མཐོ་ཚད་སྤྱི་ཁྲེ4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་རྒྱུ་ཡིན་པས།  སྟོད་ལུང་བདེ་ཆེན་ཆུས་སྒང་སྐྱིད་གྲོང་ཚོའི་གྲོང་མི་ཚོས་རང་འགུལ་ངང་གྲོང་གསེབ་ཀྱི་ལམ་བུའི་ཟུར་དུ་བཙུགས་མ་ཐག་པའི་སྡོང་ཕྲུག་ལ་ར་སྐྱོར་བརྒྱབ་པ་དང་།  ལྷུན་གྲུབ་རྫོང་གིས་ལས་བྱེད་ལས་བཟོ་པ་ཤིང་འཛུགས་ནང་ཞུགས་རྒྱུ་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་ཏུ་འགྱུར་བར་ནུས་པ་གང་ཡོད་བཏོན་ཞིང་།  མལ་གྲོ་གུང་དཀར་རྫོང་གིས་གཏེར་ཁུལ་དུ་སྡོང་ཕྲུག་ཁྲི་ཚོ་མང་པོ་བཙུགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།